ཨི་ཇིཔཏ་སྲིད་འཛིན་དགོངས་ཞུས།
བདུན་ཕྲག་གསུམ་ཙམ་མི་དམངས་ནས་ཞི་བའི་ངོ་རྒོལ་སྤེལ་རྗེས་སྲིད་མུ་བ་རཁ་ལས་གནས་ནས་དགོངས་པ་ཞུས་པ།
-
2011-02-12 -
-
-
བདུན་ཕྲག་གསུམ་ཙམ་མི་དམངས་ནས་ཞི་བའི་ངོ་རྒོལ་སྤེལ་རྗེས་སྲིད་མུ་བ་རཁ་ལས་གནས་ནས་དགོངས་པ་ཞུས།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
གསར་འགྱརུ་ལ་གསན་རོགས། |
༄༅༎ཕྱི་ཟླ་༢ཚེས་༡༡རེས་གཟའ་པ་སངས་ཀྱི་ཉིན་ཉིན་གྲངས་བཅོ་བརྒྱད་ཙམ་མི་དམངས་ནས་ཨི་ཇབཏ་ཡི་སྲིད་འཛིན་ཧོས་ནི་མུ་བ་རཁ་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་ནས་ཞི་བའི་ངོ་རྒོལ་བྱས་རྗེས་དེ་རིང་སྲིད་མུ་བ་རཁ་དངོས་དགོངས་པ་ཞུས་ཡོད་པ་རེད།ཨི་ཇཔཏ་ཀྱི་རྒྱལ་ཡོངས་བརྙན་འཕྲིན་ཐོག་སྲིད་འཛིན་གཞོན་པ་སུ་ལེ་མན་ཡིས་སྲིད་འཛིན་མུ་བ་རཁ་སྲིད་འཛིན་གྱི་མཚན་གནས་ནས་ཕྱིར་བཤོལ་གནང་བའི་གནས་ཚུལ་དེ་གསལ་བསྒྲགས་གནང་བ་དང་ཡུལ་གྱི་དབང་ཆ་ཆེས་མཐོའི་བདེ་སྲུང་བཀོད་འདོམས་ལྷན་ཁང་གིས་ལས་འགན་འཁྱེར་རྒྱུའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།།