དམིགས་བསལ་སྐུ་ཚབ་རྒྱ་གར་དུ་ཚུར་ཕེབས་ཟིན་པ།

རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་མདུན་བསྐྱོད་ཀྱི་གོམ་པ་ཆུང་ངུ་ཞིག་ཡིན་པའི་ངོས་འཛིན།

དམིགས་བསལ་སྐུ་ཚབ་རྒྱ་གར་དུ་ཕྱིར་ཕེབས་ཟིན་པ། ཨེ་ཨེཕ་པི།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པའི་དཔོན་རིགས་ཀྱི་ལྷན་དུ་གྲོས་མོལ་གྲུབ་རྗེས་དེ་རིང་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་གྱི་རྒྱལ་སར་ཕེབས་འབྱོར་བྱུང་ཡོད་པ་རེད། ཐེངས་འདིའི་གྲོས་མོལ་འདི་ནི་ཉེ་ཆར་ཕྱི་ཟླ་ ༣ ནང་བོད་ས་ཡོངས་རྫོགས་སུ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྤེལ་བ་དང་འཛམ་གླིང་ཡོངས་སུ་པེ་ཅིང་ཨོ་ལིམ་པིཀས྄་རྩེད་འགྲན་གྱི་དཔལ་འབར་ལ་ངོ་རྒོལ་ཤུགས་ཆེ་བྱུང་བའི་རྗེས་གདན་ཞུ་བྱས་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org