བཀའ་བློན་ཁྲི་པའི་འོས་བསྡུ།
2009.06.10

![]() |
གསར་འགྱུར་གསན་རོགས། |
༄༅༎ཕྱི་ཟླ་དྲུག་པའི་ཚེས་དགུ་རེས་གཟའ་མིག་དམར་གྱིན་ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་ཞིག་གིས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པའི་མཚན་གནས་ནས་དགོངས་ཞུ་གནང་རྒྱུའི་ཞུ་སྙན་ལ།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲོལ་ཆོག་མཆན་གནང་མེད་ལུགས་སྤེལ་ཡོད་ཀྱང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ནས་བཀའ་ཁྲི་མཆོག་ལ་བཅར་འདྲི་ཞུ་སྐབས་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་བསྡུ་སྔ་བསྣུར་ཡོང་བའི་གསོལ་འདེབས་ཞུས་པ་ལས་འགན་ཡུན་མ་ཚང་གོང་ཐུགས་འགན་ནས་དགོངས་ཞུ་ཕུལ་མེད་པའི་སྐོར་གསལ་བཤད་གནང་ཡོད་པ་དང་།དེ་རིང་འདི་གའི་ལས་བྱེད་དབྱངས་སྒྲོལ་ལགས་ནས་བཀའ་བློན་ཁྲི་པའི་སྐུ་སྒེར་དྲུང་ཡིག་འཇིགས་མེད་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས༎