བཀའ་ཁྲི་མཆོག་གིས་དགོངས་ཞུའི་སྙན་སེང་ཞུས་པ།

བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་མཆོག་གིས་༸གོང་ས་མཆོག་ལ་དགོངས་ཞུའི་སྙན་སེང་ཞུས་ཀྱང་བཀའ་འཁྲོལ་གནང་མེད་པ་རེད།

2009.06.09
བཀའ་ཁྲི་མཆོག་གིས་དགོངས་ཞུའི་སྙན་སེང་ཞུས་ཡོད་པ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་པར།
ཨེ་ཨེཕ་པི།

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པའི་མཚན་གནས་ནས་དགོངས་ཞུ་གནང་རྒྱུའི་ཞུ་སྙན་ལ།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲོལ་ཆོག་མཆན་གནང་མེད་ལུགས་ཨིན་ཌོ་ཨེ་ཤན་ཉིའུས྄་སར་བེས་ཞེས་པའི་ལས་ཁང་གིས་གནས་ཚུལ་སྤེལ་འདུག

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགོངས་ཞུ་གནང་རྒྱུའི་སྙན་སེང་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཡུལ་གྲུ་ཁག་གི་ནང་ཆིབས་བསྒྱུར་མ་གནང་གོང་ཞུས་ཡོད་པའི་སྐོར་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག

རྒྱ་གར་གྱི་ཨའི་ཨེ་ཨེན་ཨེས་ཞེས་པའི་གསར་ལས་ཁང་ལ་གནས་ཚུལ་འབྱུང་ཁུངས་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན།ཟླ་བ་འདིའི་ཚེས་བདུན་གྱི་ཉིན་བཀའ་བློན་ཁྲི་པ་མཆོག་གིས།བཀའ་བློན་རྣམ་པའི་དམིགས་བསལ་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་།དེའི་ཐོག་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགོངས་ཞུ་གནང་རྒྱུའི་ཞུ་སྙན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲོལ་གནང་མེད་པའི་སྐོར་གསལ་བཤད་གནང་ཡོད་པ་རེད།

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཉིས་སྟོང་གཅིག་གི་ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་མང་མོས་འོས་འདེམས་བྱུང་ཡོད་པ་དང་།ཉིས་སྟོང་དྲུག་ལོར་བསྐྱར་དུ་བཀའ་བློན་ཁྲི་པར་ཐེངས་གཉིས་པ་མང་མོས་འོས་འདེམས་བྱུང་ནས།བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་མུས་ཡིན་པ་དང་།ཉིས་སྟོང་བཅུ་གཅིག་ལོར་བཀའ་བློན་ཁྲི་པའི་དུས་ཡུན་གཉིས་པ་དེ་རྫོགས་གནང་གི་ཡོད་པ་རེད།

གོང་ཞུས་གནད་དོན་ཐད་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་མི་སྣར་ཞལ་པར་ཐོག་བཀའ་འདྲི་ཞུས་པར་ཞིབ་གསལ་འགྲེལ་བརྗོད་ད་བར་གནང་སོན་མ་བྱུང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎