ཐབས་མཁས་རྒྱ་མཚོར་བཙོ་ཁྲིམས།

ཨ་མདོ་ཀན་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་རིཌ་ཐབས་མཁས་རྒྱ་མཚོ་ལ་ལོ་ལྔའི་བཙོན་ཁྲིམས་བཅད།

ཨ་མདོ་ཀན་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་རིཌ་ཐབས་མཁས་རྒྱ་མཚོ་ལ་ལོ་ལྔའི་བཙོན་ཁྲིམས་བཅད། བོད་ནས་བཏང་བའི་འདྲ་པར།

༄༅༎བོད་ཀྱི་ཨ་མདོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ བོད་རིགས་ཐབས་མཁས་རྒྱ་མཚོ་ལགས་ལོ་ངོ་བཅོ་ལྔའི་བཙོན་འཇུག་དང་ལོ་ལྔའི་རིང་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཐག་ཆོད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཉེས་དོན་ཁྲིམས་བཅད་ཡིག་ཆ་དངོས་གཞི་ལག་སོན་བྱུང་བའི་ནང་ ཕྱི་ལོ་ ༢༠༠༩ ཟླ་ལྔ་པའི་ཚེས་ ༢༡ ཨ་མདོ་བསང་ཆུ་རྫོང་ནས་ཡིན་པའི་ བོད་རིགས་ རང་ལོ་ ༤༢ ཡིན་པ་ཐབས་མཁས་རྒྱ་མཚོ་ ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་ལ་དམིགས་པའི་བོད་རང་བཙན་ཀྱི་འོས་ལངས་ནང་ ཞུགས་པ་དང་  ཕྱི་ཕྱོགས་རང་བཙན་ཚོགས་པར་འབྲེལ་བ་ལན་མང་བྱས་པའི་ནག་ཉེས་ཐོག་ཁྲིམས་ཐག་བཅད་པ་ཡིག་ཆ་དེའི་ནང་བཀོད་

འདུག་། ཁོང་ས་གནས་གང་དུ་བཙོན་འཇུག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གསལ་པོ་བྱུང་མི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org