གོམ་བགྲོད་པ་བཀག་ཉར།
ས་གནས་ཉེན་རྟོག་པས་གོམ་བགྲོད་པ་རྣམས་པོན་ཊར་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ།
-
2008-06-19 -
-
-
ས་གནས་ཉེན་རྟོག་པས་གོམ་བགྲོད་པ་འཛིན་བཟུང་བྱེད་བཞིན་པ།
བསྟན་འཛིན་འོད་ཟེར།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན། |
༄༅༎བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་ལྔས་གོ་སྒྲིག་འོག་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནས་བཟུང་བཞུགས་སྒར་ནས་བོད་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་ནང་ཞུགས་མཁན་བོད་མི་ཉིས་བརྒྱ་ལྔ་བཅུ་ཙམ་དང་འགོ་ཁྲིད་རྣམས་བདུན་ཤས་སྔོན་རྒྱ་གར་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་པ་དང༌གོམ་བགྲོད་པ་ལྷག་མ་ལྔ་བཅོ་ཙམ་དེ་རིང་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་གྱི་དར་ཆུ་ལར་འབྱོར་སྐབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༌༎