ནོ་བེལ་ཞི་བའི་གཟེངས་རྟགས།
ཕིན་ལེནྜ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་མར་ཊི་ཨ་ཏི་ས་རི་མཆོག་ལ་ནོ་བེལ་ཞི་བའི་གཟེངས་རྟགས་ཐོབ་པའི་གནས་ཚུལ།
-
2008-10-10 -
-
-
Your browser doesn’t support HTML5 audio
གསར་འགྱུར་གསན། |
༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅུ་གཅིག་རེས་གཟའ་པ་སངས་ཀྱི་ཉིན་ནོར་ཝེ་ནང་རྟེན་གཞི་བྱེད་པའི་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བེལ་ཞི་བའི་གཟེངས་རྟགས་ཀྱི་བྱ་དགའ་དེ་ཕིན་ལེནྜ་ཡུལ་གྱི་སྲིོད་འཛིན་ཟུར་པ་སྐུ་ཞབས་མར་ཊི་ཨ་ཏི་ས་རི་མཆོག་ལ་ཐོབ་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་གསལ་བསྒྲགས་དེའི་ནང་དུ་སྐུ་ཞབས་མར་ཊི་ཨ་ཏི་ས་རི་མཆོག་གིས་འདས་པའི་མི་ལོ་སུམ་ཅུའི་ལྷག་རིང་ལ་ན་མི་བི་ཡ་ནས་ཀོ་སོ་ཝོ་དང་ཨཕ་རི་ཀ་དང་ཨེ་ཤེ་ཡ་དང་དཀྱིལ་ཤར་ཡུལ་གྲུ་སོགས་གི་ནང་རྒྱལ་སྤྱིའི་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་གནང་སྟེ་འཛམ་གླིང་ཞི་བདེར་ཕན་པའི་གལ་ཆེའི་འགན་འཁུར་བཞེས་པའི་མཛད་རྗེས་ལ་བརྟེན་ནས་ཐག་གཅོད་གནང་བའི་སྐོར་གསུངས་ཡོད་པ་རེད། དགུང་གྲངས་ ༧༡ ལ་ཕེབས་པའི་སྐུ་ཞབས་མར་ཊི་ཨ་ཏི་ས་རི་མཆོག་གིས་ཕྱི་ ༡༩༩༤ ནས་ ༢༠༠༠ བར་ཕན་ལེནྜ་རྒྱལ་ཁབ་ཀྱི་སྲིད་འཛིན་གནང་ཡོད་པ་དང་དེ་རྗེས་སྲིད་འཛིན་གྱི་ལས་གནས་ནས་འཕོས་རྗེས་འཛམ་གླིང་ནང་ཞི་བདེ་སྐུན་ཐབས་ཀྱི་ཕྱག་ལས་མུ་མཐུད་གནང་སྟེ་དམིགས་བསལ་ཕྱི་ལོ་ ༢༠༠༥ ལོར་ཨིན་ཌོ་ནེ་ཤི་ཡ་གཞུང་དང་དེའི་ཨ་ཅེ་ཞིང་ཆེན་ནང་དུ་ཡོད་པའི་གྱེན་ལོག་ཤོག་དབར་མི་ལོ་ ༣༠ འཐབ་འཁྲུགས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐུགས་འགན་བཞེས་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གནང་སྟེ་ཀོ་སོ་ཝོ་དང་ཨལ་བེ་ནི་ཡ་བར་ཞི་བའི་གྲོས་མོལ་ཆེད་ཕྱག་ལས་གནང་བ་དང་ཕྱི་ལོ་ ༡༩༨༩ ནས་ ༡༩༩༠ བར་ཨཕ་རི་ཀའི་ཡུལ་གྲུ་ན་མི་བི་ཡའི་རང་དབང་རང་བཙན་གྱི་ཆེད་དུ་གལ་ཆེའི་ཕྱག་ལས་གནང་ཡོད་པ་རེད།།