༸གོང་ས་མཆོག་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར།

ཨི་ཊ་ལིའི་རྒྱལ་ས་རོམ་གཞུང་ནས་དབུ་ཁྲིད་རྣམས་ནས་༸གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཕུལ་གཏན་འཁེལ་བ།

ཨི་ཊ་ལིའི་རྒྱལ་ས་རོམ། ཨེ་ཨེཕ་པི།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་གནད་དོན་འཚེ་མེད་ཞི་བའི་བརྒྱུད་སེལ་ཐབས་དང་འཛམ་གླིང་ཡོངས་སུ་ཞི་བདེ་ཡོང་བའི་ཆེད་ཕྱག་ལས་ལྷོད་མེད་གནང་བར་ངོས་འཛིན་མཚོན་པའི་ཆེད་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གཞུང་ནས་༸གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་གཏན་འཁེལ་བའི་གསལ་བསྒྲགས་གནང་བའི་གནས་ཚུལ་སྐོར་དབྱངས་སྒྲོལ་ལགས་ནས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org