བོད་དོན་ཞུ་གཏུག་ཐེངས་༣པ།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་རྒྱལ་ཡོངས་གྲོས་ཚོཊ་འཐུས་མིར་ཞུ་གཏུག་གི་ལས་འགུལ་སྤེལ་བ།
-
2011-03-01 -
-
-
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིར་ཞུ་གཏུག་གི་ཉིན་མོའི་ལས་འགུལ་སྤེལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་༢ཚེས་༢༨དང་ཕྱི་ཟླ་༣ཚེས་༡ཉིན་གཉིས་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་བྱང་ཨ་མེ་རི་ཀའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་མངའ་སྡེ་ནས་དབུས་ཀྱི་གྲོས་ཚོགས་སུ་འོས་འདེམས་ཞུས་པའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་ཁུངས་སུ་བཅར་ཏེ་བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་དང༌།བོད་མི་ཚོར་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་འབྱུང་ཐབས།བོད་མིའི་ཤེས་ཡོན་ལ་དམིགས་པའི་དཔལ་འབྱོར་གྱི་རོགས་རམ་མུ་མཐུད་འབྱུང་ཐབས།བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་འཛུགས་ཐབས།དེ་བཞིན་ཨ་རིའི་རླུང་འཕྲིན་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུ་མཐུད་རོགས་རམ་འབྱུང་ཐབས་སོགས་ཀྱི་ཞུ་གཏུག་གི་ལས་འགུལ་ནུས་པ་འཆར་གཞི་ལྡན་པ་ཞིག་གི་ཐོག་ནས་སྤེལ་ཡོད་པ་རེད༎