བོད་ནང་ལོ་གསར།

བོད་ནང་ཞི་རྒོལ་མི་ཡོང་བའི་ཆེད་དམ་བསྒྲགས་དང་ལོ་གསར་ལ་མཛད་སྒོ་བྱེད་དགོས་པའི་བཙན་བཀའ།

བོད་ཨ་མདོ་ཁུལ་དུ་རྒྱ་མིའི་དམག་མིས་དམ་བསྒྲགས་བྱེད་བཞིན་པ། བོད་ཨ་མདོ་ནས་འབྱོར་བའི་འདྲ་པར། ཀླུ་འབུམ་བཀྲ་ཤིས།

༄༅༎འདི་ལོ་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་ནས་མི་ལོ་ལྔ་ཅུ་འཁོར་བའི་དུས་དང་བསྟུན་བོད་ནང་བོད་མི་ཚོས་བསྐྱར་དུ་ཞི་རྒོལ་མི་ཡོང་བའི་ཆེད་དུ་རྒྱ་ནག་གཞུང་གིས་བོད་མིའི་ཁྲོད་དྲག་གནོན་ཆེན་པོ་བྱེད་བཞིན་ཡོད་པ་དང་བོད་མི་ཚོས་ལོ་གསར་ལ་མཛད་སྒོ་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་གངས་ལྗོངས་རང་བཙན་བརྩོད་ལེན་མཐུན་ཚོགས་ཀྱི་ཚོགས་སྐུ་ཞབས་བློ་བཟང་དཔལ་ལྡན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org