ཨ་རིའི་རྒྱལ་སའི་བོད་མིས་ལོ་གསར་ལ་མི་རོལ་རྒྱུ།
བོད་ནང་འདས་གྲོངས་སུ་ཕྱིན་པ་དང་བཙོན་དུ་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ལོ་གསར་ལ་མི་རོལ་རྒྱུ།
-
2009-02-19 -
-
-
Your browser doesn’t support HTML5 audio
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་སྔ་ལོ་བོད་ནང་རྒྱའི་དམག་དཔུང་གི་དྲག་གནོན་འོག་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་མྱ་ངན་ཞུ་ཆེད་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་བོད་མི་དང་ཤར་ལོཙ་ཕིལ་བོད་མི་བཅས་ཀྱིས་ལོ་གསར་ཚེ་གཅིག་ཉིན་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་པའི་སྐོར་རིག་འཛིན་ཆོས་སྒྲོན་ལགས་ནས་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་ཞུ༎