ཨོ་ལིམ་པིཀས་ཚོགས་ཆུང་ལ་ངོ་རྒོལ།

བོད་ནང་ཨོ་ལིམ་པིཀས྄་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་པ།

བོད་པའི་ན་གཞོན་ཁག་ཅིག་ནས་ཨོ་ལིམ་པིཀས་རྩེད་འགྲན་ཚོགས་ཆུང་ལ་ངོ་རྒོལ་བྱེད་བཞིན་པ། ཨེ་ཨེཕ་པི།

༄༅༎ཕྱི་ཟླ་དྲུག་པའི་ཚེས་ལྔའི་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་གྲྰིས྄་ཡི་རྒྱལ་ས་ཨེ་ཐེནས྄་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་ཆུང་གི་ལྷན་ཚོགས་སྐབས་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་གཞོན་སྐྱེས་ཁག་ཅིག་ནས་ཚོགས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་དང་བོད་ནང་ཨོ་ལིམ་པིཀས྄་རྩེད་འགྲན་གྱི་དཔལ་འབར་འཁྱེར་མི་ཆོག་ཅེས་པའི་བརྗོད་ཚོག་འཁོད་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། ཨོ་ལིམ་པིཀས་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབར་འཁྱེར་རྒྱུ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲོད་དགོས་ལུགས་ཞུས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org