འཛམ་ཐང་དུ་རང་ལུས་མེ་བསྲེག

བོད་རྔ་བ་ཁུལ་འཛམ་ཐང་རྫོང་དུ་བོད་མི་གཉིས་ནས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ།

འཛམ་ཐང་ཇོ་ནང་དགོན་ཆེན། ཚངས་དབྱངས་རྒྱ་མཚོ།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢་ ཟླ་ ༤་ ཚེས་ ༡༩ ཉིན། རྒྱ་གར་ནང་གནས་བཞུགས་ ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་གཞིགས་ན། བོད་ནང་གི་ཉིན་གུང་ཆུ་ཚོད་གཉིས་དང་སྐར་མ་༢༠ཡས་མས་སུ་ཇོ་ནང་འཛམ་ཐང་དགོན་ཆེན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འགྲམ་ནས་འཛམ་ཐང་བར་མ་ཡུལ་ཚོའི་དགེ་སྐོར་སྡེ་བའི་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་ཀྱི་མཉམ་དུ་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་སྐོར། དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org