ཆེད་གཏོང་གསར་འགོད་པ་ཧོང་ཀོང་དུ་འབྱོར་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གནང་བའི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ཧོང་ཀོང་དུ་བདེ་ཐང་ཐོག་འབྱོར་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ནས་ཧོང་ཀོང་ནས་བཏང་འབྱོར་བྱུང་བའི་འདྲ་པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དོན་གྲུབ་རྣམ་རྒྱལ།

གསར་འགྱུར་ལ་གསན།

༄༅༎འདི་ལོའི་པེ་ཅིང་ཨོ་ལིམ་པིཀ་རྩེད་འགྲན་སྐབས་པེ་ཅིང་ནས་ཐད་ཀར་གནས་ཚུལ་རྒྱང་སྲིང་ཐུབ་པའི་ཆེད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་ཆེད་གཏོང་གནང་བའི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་པའི་གསར་འགོད་པའི་ལྷན་ཚོགས་ལྷན་པེ་ཅིང་དུ་གནས་ཚུལ་མཁོ་སྒྲུབ་ཆེད་ཕེབས་ཡོད་ཀྱང་ད་ལྟའི་ཆར་པེ་ཅིང་དུ་ཕེབས་ཐུབ་མིན་དང་རྒྱ་ནག་གཞུང་ནས་ཁོང་ལ་པེ་ཅིང་དུ་དངོས་སུ་འགྲོ་ཆོག་པའི་མཐོང་མཆན་ལག་འཁྱེར་གནང་གི་ཡོད་མིན་སོགས་ཀྱི་སྐོར་ཧོང་ཀོང་ནས་འགྲེལ་བརྗོད་གནང་བའི་གནས་ཚུལ་ལ་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org