༸གོང་ས་མཆོག་ནས་རྒྱ་གར་ལ་ཐུགས་རྗེ་ཞུས་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙན་བྱོལ་བོད་གཞུང་དམངས་ནས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གནང་བཞིན་ཡོད་པ།

༸གོང་ས་མཆོག་དང་བཀའ་བློན་ཁྲི་པ་མཆོག་སིཁ་ལྷ་ཁང་ཞིག་ཏུ་གནས་མཇལ་ལ་ཕེབས་བཞིན་པ། ཨེ་ཨེཕ་པི།

༄༅༎ཕྱི་ཟླ་གསུམ་པའི་ཚེས་སོ་གཅིག་རེས་གཟའ་མིག་དམར་གྱི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བཙན་བྱོལ་བོད་གཞུང་དམངས་ནས་ལོ་ལྔ་བཅུའི་རིང་རྒྱ་གར་གྱི་གཅེས་སྐྱོང་ལ་བཀའ་དྲིན་རྗེས་དྲན་ཆེད་ཉིན་ཤས་རིང་མཛད་སྒོ་གནང་བཞིན་ཡོད་ཅིང་།བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལ་ཐུགས་རྗེ་ཞུས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org