ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ལ་སྨོན་ལམ།
བཞུཊ་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མི་རྣམས་ཀྱིས་ཉེ་ཆར་རྒྱ་ནག་ལ་ས་ཡོམ་རྒྱབ་ནས་ཚེ་སྲོག་ཤོར་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་སྨོན་ལམ་ཟབ་རྒྱས་ཤིག་འདོན་གནང་འདུག
-
2008-05-20 -
-
-
Your browser doesn’t support HTML5 audio
༄༅༎ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པ་དང༌དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཐོག་དྲག་གནོན་བྱས་པར་བརྟེན་མི་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་དུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མི་རྣམས་ཀྱིས་སྨོན་ལམ་ཟབ་རྒྱས་ཤིག་གནང་ཡོད་པ་དང༌ཆབས་ཅིག་བོད་མི་ཡོངས་ལ་ཟླ་བ་འདིའི་ཟླ་མཇུག་བར་དུ་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར་གདུགས་དཀར་འབུམ་གྱིས་གནས་ཚུལ་ཕྱོགས་སྒྲིག་བྱསཔར་གསན་རོགས་གནང༌༎