མནར་གཅོད་འགོག་པའི་ཉིན་མོ།

བོད་ཀྱི་དགུ་བཅུ་གསུམ་ཚོགས་པས་ལས་འགུལ་འདྲ་མིན་བརྒྱུད་བོད་ནང་མནར་གཅོད་འགོག་པའི་ཉིན་མོར་སྲུང་བརྩི་བྱས་པ།

རྡ་སར་མནར་གཅོད་འགོག་པའི་ཉིན་མོ་སྲུང་བརྩི་བྱེད་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅༎ཕྱི་ཟླ་དྲུག་པའི་ཚེས་ཉེར་དྲུག་རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འཛམ་གླིང་ནང་མནར་གཅོད་ཀྱི་བྱ་སྤྱོད་བཀག་འགོག་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་དང་བསྟུན་སྙན་ཞུ་དང་བགྲོ་གླེང་སོགས་ལས་འགུལ་སྣ་མང་བརྒྱུད་བོད་ནང་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཆེད་སྲུང་བརྩི་ཞུ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org