ཡོ་རོབ་བོད་རིཊ་གཞོན་ནུ།

ཡོ་རོབ་བོད་རིགས་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཐེངས་དང་པོ་དེ་སུད་སི་གྲོང་ཁྱེར་ཛུ་རི་ནང་དབུ་བཙུགས་གནང་།

ཡོ་རོབ་བོད་རིགས་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཐེངས་དང་པོ་དེ་སུད་སི་གྲོང་ཁྱེར་ཛུ་རི་ནང་གི་མཐོ་སློབ་ཏུ་ཚོགས་བཞིན་པ། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་དྲ་གནས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཞི་པའི་ཚེས་དགུ་རེས་གཟའ་པ་སངས་ཀྱི་ཉིན།ཡོ་རོབ་མངའ་ཁུལ་དུ་གནས་སྡོད་བོད་རིགས་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཐེངས་དང་པོ་དེ།སུད་སིའི་གྲོང་ཁྱེར་ཛུ་རིའི་མཐོ་རིམ་སློབ་གྲྭའི་ནང་དུ་དངོས་སུ་དབུ་བཙུགས་གནང་ཡོད་པ་དང།ལྷན་ཚོགས་སུ་ཡོ་རོབ་མངའ་ཁུལ་གྱི་རྒྱལ་ཁབ་བཅུ་གཅིག་ནས་བོད་རིགས་ན་གཞོན་ཕོ་མོ་སྡོམ་བརྒྱ་དང་ལྔ་བཅུ་ལྷག་ཙམ་གྱིས་མཉམ་ཞུགས་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org