སྔ་འགྱུར་རྙིང་མའི་དབུ་འཛིན།
2012.06.09

བོད་མིའི་སྒྲིག་འཛུགས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎སྐྱབས་རྗེ་སྟག་ལུང་རིན་པོ་ཆེ་མཆོག་ལ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཡོངས་ཀྱིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པར་ཇི་ལྟར་གསོལ་ཞུས་པ་བཞིན། སྐྱབས་རྗེ་སྟག་ལུག་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གནང་བའི་རྗེས། ས་ག་ཟླ་བའི་ཚེས་ ༡༧ ཉིན། རྡོ་རྗེ་བྲག་དགོན་པར་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎