སུད་སི་གཞུང་ལ་བཀའ་དྲིན་རྗེ་དྲན།

༸གོང་ས་མཆོག་གིས་སུད་སི་གཞུང་མང་གཉིས་ནས་བོད་མི་ཚོར་མཐུན་འགྱུར་གནང་བར་ཐུཊ་རྗེ་ཆེ་གསུང་གནང་པ།

སུད་སི་བོད་མི་ནས་སུད་སི་གཞུང་མ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་མི་མང་ལ་འཚམས་འདྲི་གནང་བཞིན་པ། ༸གོང་ས་མཆོག་གི་དྲ་གནས།

ཕྱི་ཚེས་བརྒྱད་ཀྱི་མཛད་འཕྲིན་སྐོར་གསན་རོགས།
ཕྱི་ཚེས་དགུའི་མཛད་འཕྲིན་སྐོར་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཞི་པའི་ཚེས་བརྒྱད་རེས་གཟའ་ཕུར་བུའི་ཉིན།སུད་སི་ནང་བོད་རིགས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སུད་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།སུད་གཞུང་མང་གཉིས་ནས་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་བཀའ་དྲིན་གསུང་གནང་མཛད་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org