དཀར་མཛེས་ཁུལ་གྱི་དབྱར་སྐྱིད།

རྒྱ་ནག་གིས་བོད་མི་བསད་རྨས་བཏང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་འདི་ལོའི་དབྱར་སྐྱིད་མི་གཏང་རྒྱུ།

ཁམས་དཀར་མཛེས་ཁུལ་དུ་དབྱར་སྐྱིད་གཏོང་བཞིན་པ། བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པ།

གསར་འགྱུར་ལ་གསན།

༄༅༎སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ས་ཡོངས་སུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་འོག་བོད་མི་མང་པོ་བསད་རྨས་བཏང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་དུ་འདི་ལོའི་དབྱར་སྐྱིད་དགའ་སྟོན་མི་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་པའི་སྐོར་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་འགྲེལ་བརྗོད་གནང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org