བལ་ཡུལ་ནང་བོད་མིའི་ཐོག་དམ་བསྒྲགས།

འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་ཉེན་རྟོགས་པས་མེ་མདའ་རྒྱག་རྒྱུའི་ཉེན་བརྡ་བཏང་བ།

བལ་ཡུལ་ཉེན་རྟོགས་པས་བོད་མིའི་ཐོག་དམ་བསྒྲགས་བྱེད་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།

༄༅༎ཕྱི་ཟླ་གསུམ་པའི་ཚེས་དགུ་རེས་གཟའ་མིག་དམར་གྱི་ཉིན་བལ་ཡུལ་གཞུང་ནས་བལ་ཡུལ་བོད་མིའི་སྐུ་ཚབ་དོན་གཅོད་ཁང་ལ་སྔོན་བརྡའི་བཀའ་ཡིག་ཅིག་བཏང་བའི་ནང་དུ་འདི་ལོའི་གསུམ་བཅུའི་དུས་སྐབས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་ཡང་སྤེལ་མི་ཆོག་པ་དང༌།གལ་ཏེ་བཀའ་ཡིག་ལ་མ་རྩིས་པར་ཁྲོམ་གཞུང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་ཉེན་རྟོགས་པས་བོད་མིའི་ཐོག་མེ་མདའ་རྒྱག་རྒྱུ་སྐོར་འཁོད་ཡོད་པ་དང་དེ་བཞིན་བལ་བོད་ས་མཚམས་སུ་བོད་མི་འགྲོ་འོང་བྱེད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org