རྡ་རམ་ས་ལའི་བཀའ་དྲིན།

༸གོང་ས་མཆོག་དབུ་བཞུགས་ཐོག་སེར་སྐྱ་བོད་མི་ཚོས་རྡ་རམ་ས་ལའི་རྒྱ་གར་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས།

༸གོང་ས་མཆོག་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་རྡ་རམ་ས་ལའི་རྒྱ་གར་ཡུལ་མི་ཁག་ལ་ཐུཊ་རྗེ་ཆེ་ཞུ་བའི་ཕྱག་རྟགས་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་ལྔ་པའི་ཚེས་གཅིག་རེས་གཟའ་སྤེན་པའི་ཉིན།བཞུགས་སྒར་རྡ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་།དེ་བཞིན་སེར་སྐྱ་བོད་མི་ནས་རྡ་རམ་ས་ལའི་རྒྱ་གར་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org