བོད་ནང་རང་བཙན་ལས་འགུལ་སྤེལ་མཁན་གསུམ།

བོད་ཀྱི་ཁམས་སྡེ་དགེ་དགོན་གསར་དགོན་པའི་དགེ་འདུན་པ་གསུམ་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་བའི་གནས་ཚུལ།

བོད་ཀྱི་ཁམས་སྡེ་དགེ་དགོན་གསར་དགོན་པའི་དགེ་འདུན་པ་གསུམ་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།འཇིགས་མེད་སྙན་གྲགས།

༄༅༎ཕྱི་ལོ་༢༠༠༩ཟླ་བ་༡༡ཚེས་༡༠ཉིན་བོད་ཀྱི་ཁམས་སྡེ་དགེ་ས་ཁུལ་དུ་བོད་རང་བཙན་གྱི་ཡིག་ཆ་མང་པོ་སྦྱར་བ་དང་ ཤང་གི་ལས་ཁུངས་མདུན་དུ་ བོད་ཀྱི་རྒྱལ་དར་གཉིས་བསྒྲེངས་པ་དང་ ས་གནས་སུ་ཡོད་པའི་དགོན་གསར་དགོན་པའི་སྒོ་འགྲམ་དུ་བོད་ཀྱི་རྒྱལ་དར་གཅིག་བཙུགས་པ་དང་ ས་གནས་ཀྱི་ཟམ་ཆེན་སྟེང་དུ་རྒྱལ་དར་གཅིག་བཙུགས་པ་སོགས་ལས་འགུལ་སྤེལ་མཁན་གྲྭ་ཀུན་དགའ་རིན་ཆེན་དང༌།བློ་བཟང་ནོར་བུ།མཁས་གྲུབ་རྒྱ་མཚོ་གསུམ་རང་ཡུལ་དུ་སྡོད་ཐབས་བྲལ་རྗེས་མཐར་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org