རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ།
ཨ་རིའི་གྲོང་ཁྱེར་པིཊ་ས྄་སྦག་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་སྐད་འབོད་བྱས་པ།
-
2009-09-25 -
-
-
ཨ་རིའི་གྲོང་ཁྱེར་པིཊ་ས྄་སྦག་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པ།
ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ཉིས་བརྒྱ་ལྷག་ཙམ་གྱིས།གཟའ་ཕུར་བུའི་ཉིན་ཨ་རིའི་གྲོང་ཁྱེར་པིཊ་སི་སྦག་ནང་ཚོགས་བཞིན་པའི་བཟོ་ལས་ཡར་ཐོན་ཅན་དང་།ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཉིས་ཤུའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་སྐབས།ལྷན་ཚོགས་སུ་ཚོགས་བཅར་གནང་བའི་རྒྱ་ནག་གི་སྲིད་འཛིན་ཧའུ་ཅིན་ཐའོ་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་ཀརྨ་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎