བོད་མིར་སྲོག་ཁྲིམས་ལ་ངོ་རྒོལ།

བོད་མི་ངོ་རྒོལ་ནང་ཞུགས་པའི་ནག་ཉེས་འོག་སྲོག་ཁྲིམས་བཅད་པར་བོད་མི་རྣམས་ནས་ངོས་ལེན་མེད་པའི་ལས་འགུལ།

ནིའུ་ཡོར྄ཀ་ཁུལ་དུ་བཅའ་སྡོད་བོད་མིས་རྒྱ་ནག་ལ་ངོ་རྒོལ་སྤེལ་བཞིན་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས། ཚེ་རིང་དཔལ་ལྡན།

༄༅༎ཕྱི་ཟླ་བཞི་པའི་ཚེས་བཅུ་རེས་པ་སངས་ཀྱི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོར྄ཀ་ཁུལ་དུ་བཅའ་སྡོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་བོད་ནང་བོད་མི་ཁག་ཅིག་ལ་ཉིས་སྟོང་བརྒྱད་ལོར་ཞི་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་སྲོད་ཁྲིམས་དང་གཞན་ཁག་ཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་ངོས་ལེན་མེད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནིའུ་ཡོར྄ཀ་གསར་འགོད་ངག་ཆོས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org