ལྦ་ཤིང་ཀྲོན་དུ་ཧུ་ཅིན་ཐའོར་ངོ་རྒོལ།
ལྦ་ཤིང་ཀྲོན་དུ་རྡུལ་ཕྲན་གོ་མཚོན་ཉེན་སྲུང་ལྷན་ཚོགས་ཐོག་ཧུ་ཅིན་ཐའོ་འབྱོར་སྐབས་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
-
2010-04-13 -
-
-
ཝ་ཤིང་ཀྲོན་དུ་རྡུལ་ཕྲན་གོ་མཚོན་ཉེན་སྲུང་ལྷན་ཚོགས་ཐོག་ཧུ་ཅིན་ཐའོ་འབྱོར་སྐབས་བོད་མི་རྣམས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། རྟ་མགྲོན་དབང་ཕྱུག
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་བཞི་པའི་ཚེས་བཅུ་གཉིས་རེས་གཟའ་ཟླ་བའི་ཉིན་ཨ་མེ་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་རྡུལ་ཕྲན་གོ་མཚོན་ཉེན་སྲུང་གི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་མཉམ་ཞུགས་ཆེད་འབྱོར་སྐབས་ཨ་མེ་རི་ཀའི་ཤར་ཕྱོགས་ས་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཉིན་གཉིས་རིང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀརྨ་རྒྱ་མཚོ་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎