རྒྱ་ནག་ལ་ལན་འདེབས།
རྒྱ་ནག་གིས་འཇིཊ་སྐུལ་རིང་ལུཊ་པའི་ཚོཊ་པ་ཡིན་པ་སྐྱོན་འཛུཊ་བྱས་པར་གཞོན་ནུ་ལྷན་ཚོཊ་ངོས་ནས་ལན་འདེབས།
-
2011-04-01 -
-
-
བཞུགས་སྒར་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དོན་གྲུབ་ལྷ་དར་ལགས་ཀྱིས་གསར་འགོད་ལྷན་ཚོགས་སུ་ལན་འདེབས་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ཀྱི་ཉིན། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་མི་མང་ཉིན་རེའི་གསར་ཤོག་ཅེས་པའི་རྩོམ་སྒྲིག་པ་ལི་ཧུང་མེ་ཟེར་བས། བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ནི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་པ་སླར་ཡང་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། མ་འོངས་པར་འཇིགས་སྐུལ་རིང་ལུགས་པའི་མི་སྣས་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་བྱ་རྒྱུ་ཡིན་པ་རེད་ཅེས་འཁོད་ཡོད་པ་དེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དངོས་སུ་ལན་འདེབས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎