ཐེ་ཝན་དུ་གསུམ་བཅུའི་དུས་དྲན།
སྐབས་དེར་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ Su Tseng-chang མཉམ་ཞུགས་གནང་འདུག
-
2013-03-12 -
-
-
༄༅༎ ཐའི་ཝན་གྱི་རྒྱལ་ས་ཐཡ་པེ་རུ་བོད་མི་རྣམས་ཀྱིས་གོ་སྒྲིག་གནང་བའི་གསུམ་བཅུ་དུས་དྲན་ཉིན། ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་དུས་ཚིགས་སྲུང་བརྩི་ནང་མཉམ་ཞུགས་གནང་འདུག བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་སྒེར་ལངས་ངོ་རྒོལ་སྤེལ་ནས་ལོ་ངོ་ ༥༤ ཕྱིན་པའི་དུས་ཚིགས་དེ་བོད་མི་གནས་སྡོད་འཛམ་གླིང་གི་ས་གནས་ཚང་མའི་ནང་ལས་འགུལ་འདྲ་མིན་སྤེལ་གནང་ཡོད་ཅིང་། ལྷག་དོན་དུ་ཐེ་ཝན་གྱི་རྒྱལ་ས་ ཐཡ་པེ་རུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་ཁ་ཤས་ཀྱིས་གྲོང་ཁྱེར་ནང་དུ་གོམ་བགྲོད་གནང་ནས་བོད་ནང་རང་ལུས་མེར་སྲེག་པ་རྣམས་ཀྱི་སྐུ་དཔར་བསྣམས་ནས་རྒྱ་ནག་གིས་བོད་མིའི་ཐོག་མནར་གཅོད་བྱེད་ཚུལ་གྱི་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྲུང་བརྕི་གནང་འདུག ཐེངས་འདིའི་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ནང་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ Su Tseng-chang མཉམ་ཞུགས་གནང་བས་མ་ཟད་གསུངས་བཤད་ནང་། ཁོང་གིས་རྒྱ་ནག་དབང་ཆ་གཅིག་སྡུད་ཀྱི་དབང་འཛིན་འོག བོད་མི་རྣམས་ཀྱིས་སྡུག་བསྔལ་ག་ཚོད་མྱོང་བཞིན་པ་དེ་གསལ་པོ་ཤེས་ཀྱི་ཡོད་པའི་སྐོར་ནན་བརྗོད་གནང་འདུག ཐའི་ཝན་གྱི་སྲིད་འཛིན་མ་ཡིན་ཇུས་མཆོག་གིས་རྒྱ་ནག་མཉམ་དུ་འབྲེལ་བ་གནང་དུས་འགྲོ་བ་མིའི་ཐོབ་ཐང་གི་རིང་ཐང་གི་གནད་དོན་དེ་སྣང་ཆུང་བདག་མེད་དུ་བཞག་རྒྱུ་མེད་པའི་སྐོར་ཁོང་གིས་གསུངས་བཤད་ནང་དྲན་སྐུལ་གནང་ཡོད་པ་རེད།།