བལ་ཡུལ་ནང་ཕྱི་བསྐྱོད་ལག་འཁྱེར་རྫུན་མ་འཛིན་བཟུང༌།
བལ་ཡུལ་ནང་ཕྱི་བསྐྱོད་ལག་འཁྱེར་རྫུན་པ་ཡོད་པའི་མི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ།
-
2012-04-01 -
-
-
༄༅༎བལ་ཡུལ་ཕྱོགས་བསྐྱོད་ལག་འཁྱེར་པཱས་པོརྚ་(Passport) རྫུན་མ་ཡོད་པའི་མི་བརྒྱ་དང་བཅོ་འཛིནབཟུང་ཡོད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་གྱི་ཕྱི་མི་གཞི་སྤོ་ལས་ཁུངས་ཀྱིས་འདས་པའི་ཟླ་བ་གཉིས་ནང་ཡུལ་དེའི་ཕྱོགས་བསྐྱོད་ལག་འཁྱེར་རྫུན་ཡོད་པའི་བལ་པོ་དང་ཕྱི་རྒྱལ་གྱི་མི་སྣ་བརྒྱ་དང་བཅོ་བརྒྱད་འཛིན་བཟུང་བྱས་ཡོད་ལུགས་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་ རི་པབ་ལི་ཀ་(Republica) ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཕྱི་མི་གཞི་སྤོ་ལས་ཁུངས་ཀྱིས་བལ་ཡུལ་གྱི་ཁག་འཁྱེར་རྫུན་མ་ཡོད་མཁན་༧༦ཐེར་ཐོར་བྱས་པའི་གྲས་སུ་རྒྱ་གར་བ་བཅུ་གཅིག་དང་ ཤི་རི་ལངྒཀའི་ཡུལ་མི་གཅིག་ཡོད་འདུག ཁོ་པ་ཕྱི་ཟླ་དང་པོའི་ནང་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་འདུག ཡིག་ཆ་རྫུན་མ་ཡོད་མཁན་མང་ཆེ་བ་དབུལ་ཕོངས་ཉམ་ཐག་དང་ ངལ་རྩོལ་བ་ཤ་ཏག་ཡིན་པ་དང་དེ་དག་མང་ཆེ་བ་ ཀུ་ཝེཊི་དང་ སོའི་རྡི་ ཨ་རི་བྭ་ཡ་(Kuwait, South Arabia) ནས་ཕྱིར་ལོག་སྐབས་འཛིན་བཟུང་བྱས་ཡོད་ལུགས་ཕྱི་མི་གཞིས་སྤོ་ལས་ཁུངས་ཀྱི་འགན་འཛིན་ སུ་དྷིར་ ཀུ་མར་ ཤྭ་(Sudhir Kumar Shah) ཡིས་འགྲེལ་བརྗོད་གནང་འདུག། འདི་ལོ་ཕྱི་ཟླ་གཉིས་པ་གཅིག་པོའི་ནང་འགྲུལ་བ་༥༡གནམ་ཐང་དུ་འཛིན་བྱས་ཡོད་པ་དང་ དེ་དག་ནས་དྲུག་རྒྱ་གར་བ་དང་རྒྱ་མི་གཉིས་ཡོད་འདུག། རྒྱ་མི་དེ་ལ་ཉི་ཧོང་གི་ལག་འཁྱེར་རྫུས་མ་འཁྱེར་ཡོད་འདུག།