རྒྱ་རིགས་འཐུས་མི་ཁག་ཅིག་གིས་རྡ་སར་འཚམས་གཟིགས།

རྒྱ་རིགས་ཤེས་ལྡན་མི་སྣ་ཁག་ཅིག་ནས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ཡོད་འདུག

༄༅༎ཨོ་སི་ཀྲོ་ལི་ཡ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་གི་གོ་སྒྲིག་འོག་ རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་གྱི་འཐུས་ཚབ་ཚོགས་པ་ཞེས་ཨོ་སི་ཀྲོ་ལི་ཡ་དང་ཐེ་ལྦན་གཉིས་ནས་མི་གྲངས་༡༤ལས་གྲུབ་པའི་རྒྱ་རིགས་ཤེས་ལྡན་མི་སྣ་ཁག་ཅིག་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༢དང་བསྟུན་ བོད་དོན་རྒྱབ་སྐྱོར་མཚོན་ཆེད་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག་།།
རྒྱ་རིགས་འཐུས་ཚབས་ཚོགས་པའི་ཚོགས་མི་རྣམས་ནས་ད་རེས་ཀྱི་འཚམས་གཟིགས་འདིའི་སྐབས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ནང་མཉམ་ཞུགས་གནང་པ་དང་ བཞུགས་སྒར་ཁུལ་དུ་བོད་ཀྱི་རིག་གཞུང་ལྟེ་གནས་ཁག་ལ་གཟིགས་སྐོར་དང་ ༧གོང་ས་མཆོག་གི་མཇལ་ཁ་ དེ་བཞིན་ཕྱི་ཟླ་༣པའི་ཚེས་༡༤ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་༡༡པར་ཟུར་ཉན་དུ་བཅར་ཏེ་ བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུ་ཆེན་མོར་བལྟ་ཞིབ་ཡང་གནང་ཡོད་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org