བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱི་ཚོགས་དུས་བརྒྱད་པའི་སྐོར།
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཕྱི་ཟླ་དགུ་པའི་ནང་ཚོགས་རྒྱུ་གཏན་འཁེལ་འདུག
-
2009-04-22 -
-
-
༄༅༎སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ཉིས་སྟོང་དགུའི་ཕྱི་ཟླ་དགུ་པའི་ཚེས་བདུན་རེས་གཟའ་ཟླ་བ་ནས་ཕྱི་ཟླ་དགུ་པའི་ཚེས་བཅུ་དགུ་རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུ་གཉིས་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་འདུག
དེ་ཡང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྷན་ཁག་གིས་ཕྱི་ཟླ་བཞི་པའི་ཚེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན།སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ཉིས་སྟོང་དགུའི་ཕྱི་ཟླ་དགུ་པའི་ཚེས་བདུན་རེས་གཟའ་ཟླ་བ་ནས་ཕྱི་ཟླ་དགུ་པའི་ཚེས་བཅུ་དགུ་རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུ་གཉིས་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་འདུག ཕྱོགས་བཞུགས་སྤྱི་འཐུས་རྣམས་དུས་ཐོག་ཚོགས་བཅར་ཐོག་སྤྱི་འཐུས་རྣམས་ཕྱི་ཟླ་དགུ་པའི་ཚེས་ལྔ་ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་ཐོ་འགོད་གནང་དགོས་པའི་ཚོགས་བརྡ་བཏང་གནང་འདུག།