༢༠༠༨ལོའི་བོད་ཀྱི་བེུད་མཛངས་མའི་འགྲན་བསྡུར་བྱེད་འཆར།

༢༠༠༨ལོའི་བཞུགས་སྒར་རྡ་རམ་ས་ལར་ཚུགས་རྒྱུའི་འདི་ལོའི་ཕྱི་ལོ་༢༠༠༨ཀྱི་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བོུད་གཉིས་བྱུང་ཡོད་པ།

༄༅༎བཞུགས་སྒར་རྡ་རམ་ས་ལར་ཚུགས་རྒྱུའི་འདི་ལོའི་ཕྱི་ལོ་༢༠༠༨ཀྱི་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བོུད་གཉིས་བྱུང་ཡོད་པ་དང་མཛངས་མའི་འགྲན་བསྡུར་ནི་ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་ཉིན་འགོ་ཚུགས་གནང་རྒྱུ་ཡིན་པའི་སྐོར་དེ་རིང་བོད་ཀྱི་བེུད་མཛངས་མའི་འགྲན་བསྡུར་གྱི་བྱེད་སྒོ་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད།

ཁོང་གིས་མུ་མཐུད་གསུང་ན། བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་གྱི་རིམ་པ་ཁག་བཞི་ཙམ་ཡོད་པ་དང་མཉམ་ཞུགས་གནང་མཁན་གྱི་བུད་མེད་དེ་གཉིས་ཀྱི་མིང་ད་ལྟ་གསལ་བསྒྲགས་བྱ་རྒྱུ་མིན་ཞིང༌། དངོས་གཞིའི་འགྲན་བསྡུར་འགོ་ཚུགས་པའི་ཉིན་གསལ་བསྒྲགས་བྱ་རྒྱུ་ཡིན་པ་དང༌། ཁོང་གཉིས་འགྲན་བསྡུར་འགོ་མ་འཚུགས་གོང་དུ་བཞུགས་སྒར་དུ་འབྱོར་དགོས་པ་དང་གཟའ་འཁོར་གཅིག་གི་རིང་ལུས་སྦྱོང་དང་འཁྲབ་སྟོན། འཁྲབ་སྟོན་བྱ་ཕྱོགས། ལྷག་པར་དུ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་སྐོར་སློབ་སྟོན་དང་སྦྱོང་བརྡར་སྤྲོད་རྒྱུ་ཡིན་པ་གསུང་ཡོད་པ་རེད། འདི་ལོའི་༢༠༠༨ཀྱི་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་མཁན་ལ་རྒྱ་གར་གྱི་དངུལ་འབུམ་གཅིག་གི་བྱ་དགའ་སྤྲོད་རྒྱུ་དང་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ལ་སྒོར་ཁྲི་ལྔའི་བྱ་དགའ་ཡོད་ཅིང༌། བྱ་དགའི་མ་དངུལ་དེ་རྣམས་གཙོ་བོ་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་མཁན་རང་ཉིད་མ་འོངས་པར་མུ་མཐུད་ཤེས་ཡོན་སློབ་སྦྱོང་ཐོག་འགྲོ་གྲོན་གཏོང་རྒྱུའམ་ལས་རིག་གི་སྦྱོང་བརྡར་ཐོག་ཕན་ཐོགས་སྐྲུན་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད། བཙན་བྱོལ་བོད་མིའི་ནང་གདན་གྱི་ཚོང་ལས་གནང་མཁན་དང་བོད་མི་དམངས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་རྒྱལ་ནོར་ཚེ་དབང་ལགས་ཀྱིས་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་གྱི་ལས་རིམ་དེར་རྒྱ་གར་གྱི་སྒོར་མོ་ཁྲི་ལྔའི་ཞལ་འདེབས་གནང་ཡོད་ཅིང། ཡིན་ནའང་བློ་བཟང་དབང་རྒྱལ་ཀྱིས་ད་དུང་མཛངས་མའི་འགྲན་བསྡུར་གྱི་འགྲོ་སོང་དང་བྱ་དགའི་འགྲོ་གྲོན་གྱི་ཞལ་འདེབས་འཚོལ་སྒྲུབ་གནང་བཞིན་ཡོད་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org