ལོན་ཊོན་ཨོ་རྩེད་དང་བོད་རིགས་བུ་མོ་ཆོས་དབྱངས།
རྒྱལ་སྤྱིའི་ལོན་ཊོན་ཨོ་ལིན་ཕེ་ཁི་རྩེད་འགྲན་ཁྲོད་བོད་རིགས་བུ་མོ་ཆོས་དབྱངས་མཉམ་ཞུགས་བྱེད་བཞིན་པ་དང་། ཁོ་མོའི་འགྲན་བསྡུར་ཚེས་ ༡༡་ཉིན་ཡིན་པ་རེད་འདུག
-
2012-08-07 -
-
-
གནས་ཚུལ་ལྟར་ན། བོད་ཨ་མདོ་མཚོ་བྱང་ནས་ཡིན་པའི་བོད་པའི་བུ་མོ་རང་ལོ་ཉི་ཤུ་རྩ་གཉིས་ཡིན་པའི་ཆོས་དབྱངས་ཞེས་པ། དེང་སང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་གི་རྒྱལ་སྤྱིའི་ཨོ་རྩེད་ཁོངས་སུ་བོད་རིགས་བུ་མོ་ཆོས་དབྱངས་ཞེས་བས་གོམ་བགྲོད་ཀྱི་རྩེད་འགྲན་ཆ་ཤས་ལེན་གྱི་ཡོད་འདུག། གོང་དུ་ཞུས་པའི་བུ་མོ་ཆོས་དབྱངས་ནི་ཕྱི་ལོ་ ༡༩༩༠ ཕྱི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཨ་མདོ་མཚོ་བྱང་མངའ་ཁུལ་དུ་སྐྱེས་ཤིང་། ཐོག་མར་ཕྱི་ལོ་ ༢༠༠༨ ལོར་རྩེད་འགྲན་ཁོངས་སུ་དངོས་སུ་ཞུགས་རྒྱུ་འགོ་བཙུགས་པ་དང་། དེ་ནས་ལོ་གཉིས་ཀྱི་རྗེས་སུ་རྒྱ་ནག་རྒྱལ་ཡོངས་ཀྱི་རྩེད་འགྲན་ཁོངས་སུ་འདེམས་ཐོན་བྱུང་བ་དང་། ད་བར་རྒྱལ་ནང་རྒྱལ་སྤྱི་གཉིས་ཀའི་འགྲན་བསྡུར་ཁོངས་སུ་འགྲན་རྩོད་བྱེད་མྱོང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༡ ལོར་ཀོ་རི་ཡའི་ནང་འཛམ་གླིང་འགྲན་བརྩོད་ནང་ཨང་ལྔ་པར་སླེབས་ཐུབ་པ་དང་། ལོ་འདིར་ཏའེ་ཆང་ནས་རྩེད་པའི་སྐབས་ཧ་ཅང་ཨང་ཀི་ཡག་པོ་ལེན་ཐུབ་པ་བྱུང་ཡོད་འདུག་ལ་ད་རེས་ཨོ་ལིམ་པིག་རྩེད་འགྲན་ནང་འདི་ཚེས་བཅུ་གཅིག་ཉིན་རྩེད་འགྲན་ནང་ཞུགས་རྒྱུ་ཡིན་འདུག ་ བོད་པའི་མི་རིགས་ཤིག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཁོངས་སུ་མཉམ་ཞུགས་བྱེད་མཁན་ཁོ་མོ་ཐོག་མ་དེ་ཡང་ཆགས་རྒྱུ་ཡིན་པ་རེད།