བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ།
བཞུགས་སྒར་རྡ་རམ་སཱ་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་དབུ་འཛུགས་གནང་བ།
-
2016-07-15 -
-
-
བཞུགས་སྒར་རྡ་རམ་སཱ་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་དབུ་འཛུགས་གནང་བ།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༦་ཟླ་༧་ཚེས་༡༥ ཉིན། བཞུགས་སྒར་དུ་རྟེན་གཞི་བྱེད་པའི་Asian Health Resort་ཞེས་པའི་གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་འགོ་འཛུགས་གནང་ཡོད་འདུག།
གནས་ཚུལ་ལྟར་ན། ཚོགས་འདུ་དེ་བཞིན་ཚེས་༡༦་བར་གྱི་ཉིན་གྲངས་གཉིས་ཀྱི་རིང་ཚོགས་ཀྱི་ཡོད་པ་དང་། དེ་ནི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་དེ་ཆགས་ཀྱི་ཡོད་པ་དང་། ད་ལན་སྲིད་སྐྱོང་སྐབས་གཉིས་པར་འོས་འདེམས་བྱུང་བའི་རྗེས་ཀྱི་ཚོགས་འདུ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།།
སྤྱིར་ཉེ་བའི་ནང་བོད་རྒྱ་ཞི་མོལ་མཚམས་ཆད་ནས་ལོ་མང་འགྲོ་བཞིན་པ་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག།
གསར་འགོད་པ་ཀླུ་འབུམ།