གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་རྒྱལ་ཁའི་ངང་གྲོལ་ཡོད་པའི་གནས་ཚུལ།

༄༅༎སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་རྒྱལ་ཁའི་ངང་གྲོལ་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ རེས་གཟའ་སྤེན་པའི་ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང༌། གྲོས་ཚོགས་ཚོགས་དུས་བཞི་པ་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་བརྒྱད་རིང་ཚོགས་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཕྱི་ལོ་ ༢༠༡༡།༢༠༡༢ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་དང་། འཛིན་སྐྱོང་བཀའ་ཤག་དང་ལས་ཁུངས་སོ་སོའི་བཀའ་བློན་རྣམ་ནས་གསལ་བཤད། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྒྲིག་ལ་བསྐྱར་བཅོས་སོགས་ལས་དོན་ལེགས་གྲུབ་བྱུང་ཡོད་འདུག
སྤྱིར་ལོ་ལྟར་ཕྱི་ཟླ་ ༩ གྲོས་ཚོགས་སྐབས་ཀྱི་ལས་དོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་གི་ཡོད་འདུག།



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org