བོད་ནང་ཉིན་ལྟར་རྒྱ་རིགས་ཡུལ་སྐོར་བ་ཁྲི་བརྒྱད་ཡོང་བ།

རྒྱ་ནག་གི་རྒྱལ་ཡོངས་དུས་ཆེན་རིང་རྒྱ་རིགས་ཁྲི་བརྒྱད་བོད་ནང་ཡུལ་སྐོར་དུ་ཡོང་བའི་ཚོད་དཔགས་བྱས་འདུག

2012.10.07

༄༅༎རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་འབོད་པའི་བོད་ཀྱིས་ཁུལ་ནང་ད་ལྟའི་རྒྱ་ནག་གི་རྒྱལ་ཡོངས་ཀྱི་དུས་ཆེན་རིང་ལ་ཉིན་ལྟར་ཡུལ་སྐོར་སྤྲོ་འཆམ་པ་ཉིན་རེར་ཁྲི་བརྒྱད་ཙམ་ཡོང་གི་ཡོད་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་རེད།
ཕྱི་ཟླ་༡༠ཚེས་༦ ཉིན་བོད་རང་སྐྱོང་ཟེར་བའི་ས་གནས་ཡུལ་སྐོར་སྤྲོ་འཆམ་དཔོན་རིགས་ནས་བཤད་དོན་ལ། རྒྱ་ནག་རྒྱལ་ཡོངས་ཀྱི་དུས་ཆེན་ཕྱི་ཟླ་༡༠ཚེས་༡ ཉིན་ཡིན་ཡང་རྒྱ་ནག་རྒྱལ་ཡོངས་སུ་ཉིན་གྲངས་འགའ་ཤས་རིང་གུང་སེང་བཞག་ཏེ་དུས་ཆེན་སྲུང་བརྩི་ཞུ་གི་ཡོད་པ་ལྟར། ཕྱི་ཟླ་དགུ་པའི་ཚེས་༣༠ ནས་ཕྱི་ཟླ་བཅུ་པའི་ཚེས་༧ བར་དུ་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ནས་ཉིན་རེར་རྒྱ་མིའི་སྒོར་ས་ཡ་༣༠ ལྷག་བཟོ་རྒྱུ་ཡིན་པ་ཚོད་དཔགས་བྱས་ཡོད་ཅིང༌། དེ་ནི་ཕྱི་ཟླ་༡༠ཚེས་༥ བར་དུ་རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཁྱོན་བདུན་ཁྲི་དགུ་སྟོང་བོད་དུ་བསླེབས་ཡོད་པའི་བསྡོམ་རྩིས་བཏོན་ཏེ། ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་དེ་ནི་ལོ་རེར་བཞིན་འཕེལ་རྒྱས་བརྒྱ་ཆ་༢༤ ཕྱིན་ཡོད་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པའི་ཐོག་ནས་ཡོང་འབབ་ཡང་བརྒྱ་ཆ་༣༣ འཕེལ་རྒྱས་འགྲོ་ཡི་ཡོད་པའི་སྐོར་བཤད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎