རྫ་ཆུ་ཁར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།

བོད་རྫ་ཆུ་ཁའི་དབོན་པོ་ཤང་གི་སློབ་གྲྭའི་མདུན་ཐང་དུ་རྒྱ་ནག་གི་རྒྱལ་དར་ཡོད་པ་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཐོག་བོད་རང་དབང་ཞེས་པའི་ཡིག་ཆ་མང་པོ་གང་སར་གཏོར་ཡོད་འདུག

དགེ་འདུན་པ་འཇམ་དཔལ་ཡོན་ཏན་ནས་འདི་གའི་ལས་ཁུངས་ལ་བརྗོད་དོན། ཚེས་༧ ཉིན་གནས་ཚུལ་དེ་བྱུང་རྗེས་རྒྱ་ནག་གི་ཉེན་རྟོག་པས་རྒྱལ་མིའི་རྒྱལ་དར་བསྐྱར་དུ་བསྒྲེངས་ནས་ཡིག་ཆ་རྣམས་གཙང་བཟོ་བྱས་ཡོད་པ་དང་། འབྲེལ་ཡོད་ཚན་པས་དོན་རྐྱེན་དེ་རྩད་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ནའང༌། གནས་སྐབས་བོད་མི་འཛིན་བཟུང་གི་གནས་ཚུལ་བྱུང་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org