སོ་སོའི་ཁེ་ཕན་གཅིག་པུ་དོན་དུ་གཉེར་ཚེ་འཛམ་གླིང་དཀའ་ངལ།

༧གོང་ས་མཆོག་གིས་གལ་ཏེ་འཛམ་གླིང་གི་ཡུལ་གྲུ་ཁག་གིས་སྤྱི་བའི་ལས་འགན་ལ་བསམ་ཞིབ་མ་བྱས་པར་སོ་སོའི་ཁེ་ཕན་གཅིག་པུ་དོན་དུ་གཉེར་ཚེ་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསུངས་འདུག

ཚེས་ ༡༥ ཉིན་ཨ་མི་རི་ཀའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ Boston གྱི་ MIT སྟེ་assachusetts འཕྲུལ་རིག་ཤེས་ཡོན་ལྟེ་གནས་ཁང་ནང་ཚུགས་པའི་ཁོར་ཡུག་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་གལ་ཏེ་འཛམ་གླིང་གི་ཡུལ་གྲུ་ཁག་གིས་སྤྱི་བའི་ལས་འགན་ལ་བསམ་ཞིབ་མ་བྱས་པར་སོ་སོའི་ཁེ་ཕན་གཅིག་པུ་དོན་དུ་གཉེར་ཚེ་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་དང་། ད་ལྟ་འཕྲད་བཞིན་པའི་ཁོར་ཡུག་གི་དཀའ་ངལ་ཡོངས་རྫོགས་སེལ་ཐུབ་མིན་ལ་མ་བལྟོས་པར་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་ངེས་པར་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གི་ཁོར་ཡུག་གི་དཀའ་ངལ་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་འདུ་དེའི་ཐོག་མཉམ་ཞུགས་གནང་མཁན་གྱི་ཚན་རིག་པ་ཞིག་གིས་ གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་འདི་ནི་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་རང་འབྱུང་གི་དཀའ་ངལ་ཆེ་ཤོས་ཡིན་པ་གསུངས་པ་དང༌། ཡང་ཧ་ཝརཌ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་གྱི་སློབ་དཔོན་ Rebecca Henderson  གྱིས་ ཁོར་ཡུག་ཉམ་ཆགས་འགྲོ་བཞིན་པ་འགོག་པའི་ཐབས་ལམ་གཞན་ཞིག་ནི་ འཛམ་གླིང་གི་ད་ལྟའི་ཚོང་ལས་སྤེལ་ཕྱོགས་ཏེ་ཐོན་ཁུངས་གང་ཁེ་ཁེ་དང་ སྙིགས་རོ་ལ་བདག་གཅེས་བྱེད་མི་དགོས་གཙོ་དོན་བྱེད་པའི་བྱ་སྤྱོད་དང་བསམ་བློར་འགྱུར་བ་ངེས་པར་གཏོང་དགོས་པ་གསུངས་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་མི་རབས་འདིའི་ཁོར་ཡུག་ཉམ་ཆགས་འགྲོ་བཞིན་པ་འགོག་ཐབས་མ་བྱས་ཚེས་དེས་མི་རབས་རྗེས་མ་ཚོར་ཤུགས་རྐྱེན་ཆེན་པོ་འབྱུང་རྒྱུ་ཡིན་པར་བརྟེན་གཞུང་དང་གསར་འགོད་པ་ཚོར་ཁོར་ཡུག་ཉམ་ཆགས་འགྲོ་བཞིན་པ་དང་དེ་འགོག་ཐབས་ཀྱི་ལས་དོན་སོགས་ཀྱི་གོ་རྟོགས་སྤེལ་རྒྱུར་ལས་འགན་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།

ཚེས་ ༡༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ MITསྟེ་ Massachusetts འཕྲུལ་རིག་ལྟེ་གནས་ཁང་གི་ནང་ཆོས་སྡེ་ཚན་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམས་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org