༧གོང་ས་མཆོག་ལ་དྭགས་ཁ་ཆེ་གྲོང་ཚོར་ཕེབས་འདུག།

ལ་དྭགས་ལམ་སྒྲོན་སློབ་གྲ་ནས་༧གོང་ས་མཆོག་ཁ་ཆེའི་ཁྱིམ་ཚང་ཆིག་སྟོང་ཙམ་ཡོད་པའི་ཁ་ཆེ་གནས་སྡོད་ཁུལ་ལ་ཕེབས་ནས་ཁ་ཆེ་བ་མི་གྲངས་ཆིག་ཁྲི་ལྷག་ཡོད་པར་མཚམས་གཟིགས་བྱས་འདུག།

སྐབས་དེར་ཁ་ཆེ་བ་ཚོས་༧གོང་ས་མཆོག་ལ་དགའ་སྤྲོ་ཆེན་པོས་ཕེབས་བསུ་ཞུས་པ་དང་། མགོན་པོ་གང་ཉིད་གྱིས་ལ་དྭགས་ནང་དུ་ནང་པ་དང་། ཁ་ཆེའི་དབར་མཐུན་སྒྲིལ་དམ་ཟབ་གནས་ཐབས་སུ་ཐུགས་ཁུར་ཆེ་བཞེས་མཛད་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད་།  ལྷག་པར་དུས་ཚོད་འདི་ནི་ཁ་ཆེ་ཚོི་ར་མ་དྷན་ཞེས་པའི་སྨྱུང་གནས་སྡོད་རྒྱུའི་དུས་ཚིག་སྐབས་ཡིན་སྟབས་ཆིབས་སྒྱུར་བསྐྱངས་པ་དེ་ནི་ཧ་ཅང་བསྐལ་པ་བཟང་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པ་བརྗོད་འདུག སྐབས་དེར་༧གོང་ས་མཆོག་གིས་ཆོས་ལུགས་ཚང་མས་བྱམས་བརྩེ་དང་། བཟོད་སྒོམ། མཐུན་སྒྲིལ་བཅས་ཀྱི་སློབ་གསོ་གཅིག་མཚུངས་གནང་གི་ཡོད་པ་ལྟར་།  སྐུ་ཉིད་ནས་དེའི་ཐད་འབད་བརྩོན་གནང་བཞིན་པ་གསུངས་འདུག།

༧གོང་ས་མཆོག་གིས་ཚེས་༤ནས་༧བར་དད་ལྡན་མང་ཚོགས་ཚོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་།  བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྐྱངས་གནང་མཛད་ཀྱི་ཡོད་འདུག  དེ་ནས་རིམ་པས་མཛད་མཆར་ཁག་གྲུབ་རྗེས་ཕྱི་ཟླ་དགུ་པའི་ཚེས་༡༤ནས་༡༧བར་རྡེ་ར་ལྡུན་ཁུལ་དུ་ཆིབས་བསྒྱུར་གྱིས་མུན་གྲོལ་གླིང་དང་། འབྲི་གུང་བྱང་ཆུབ་གླིང་དགོན་པ། ས་སྐྱ་རིན་ཆེན་གླིང་དགོན་པ་བཅས་སུ་མཛད་འཕྲིན་ཡོད་པ་དང་། ཕྱི་ཟླ་དགུ་པའི་ཚེས་༡༧ཉིན་མ་སུ་རི་བོད་ཁྱིམ་བཙུགས་ནས་ལོ་ངོ་ལྔ་ཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱངས་གནང་མཛད་ཀྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org