གུའུ་ཁལ་ལལ་གྱི་ནག་ཉེས་སྦས་ཐབས་བྱས་པ།

གུའུ་ཁལ་ལལ་གྱི་འགྱོད་དོན་བརྟག་དཔྱད་བྱེད་སྐབས་དཔོན་རིགས་བཞི་ནས་ཁོ་མོའི་ནག་ཉེས་སྦས་བསྐུམ་བྱས་པའི་སྐོར་བོའོ་ཤིའི་ལལ་གྱིས་ཤེས་རྟོགས་ཡོད་མེད་སྐོར་ཁ་གསལ་མེད་པ་རེད།

༄༅།    །རྒྱ་ནག་གྲུང་ཆིང་གྲོང་ཁྱེར་ཉེན་རྟོག་ལས་ཁང་གི་དཔོན་རིགས་གཞོན་པ་ཚུད་པའི་དཔོན་རིགས་བཞི་ནས་རྒྱ་ནག་གཞུང་གིས་གནས་དབྱུངས་བཏང་བའི་རྒྱ་ནག་གྲུང་ཆིང་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བོའོ་ཤིའི་ལལ་གྱི་བཟའ་ཟླ་གུའུ་ཁལ་ལལ་གྱིས་དབྱིན་ཇིའི་མི་སེར་  ནེལ་ ཧད་ཝུའུ་གྲི་ལྐོག་བསད་བཏང་བའི་འགྱོད་དོན་ཐོག  གོང་ཞུས་ཉེན་རྟོག་ལས་ཁང་གི་དཔོན་རིགས་བཞི་པོས་གུའུ་ཁལ་ལལ་གྱི་ནག་ཉེས་སྦས་བསྐུམ་བྱས་པའི་ཉེས་བཙུགས་ཐོག་ནས་དེ་རིང་ཕྱི ཚེས་༡༠ཉིན་རྒྱ་ནག་ཨན་ཧུད་  ཧའ་ཕྷའ་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ཞིབ་བྱས་ཡོད་འདུག   བོའོ་ཤིའི་ལལ་གྱི་བཟའ་ཟླ་གུའུ་ཁལ་ལལ་གྱིས་མི་བསད་པའི་ཉེས་བཙུགས་ཐོག་ཁ་ས་ཁྲིམས་ཞིབ་བྱས་ནས།  ཁྲིམས་ཁང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར་ཁྲིམས་ཞིབ་སྐོར་གསལ་བཤད་བྱེད་པའི་སྐབས་བརྗོད་ན།  གུའུ་ཁལ་ལལ་གྱིས་དབྱིན་ཇིའི་མི་སེར་ཧད་ཝུའུ་གྲི་ལྐོག་བསད་བཏང་བའི་ཉེས་པ་ཡོད་པ་ཁྲིམས་ཁང་གིས་དཔང་རྟགས་ར་འཕྲོད་བྱས་ཡོད་པ་དང་།  དེར་གུའུ་ཁལ་ལལ་གྱིས་ཀྱང་ཁས་ལེན་བྱས་ཡོད་ཅིང་།  རིང་མིན་གུའུ་ཁལ་ལལ་གྱི་འགྱོད་དོན་ཐོག་ཁྲིམས་ཐག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org