སང་ཉིན་ནས་ལ་དགས་ཀྱི་མཛད་རིམ་དབུ་འཛུགས།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་ཚེས་༢༦ཉིན་ནས་ལ་དཌ་སླེའི་ཇོ་བོའི་གཙུག་ལག་ཁང་ནང་མཛད་རིམ་དབུ་འཛུགས་གནང་རྒྱུ་ཡིན་འདུག
-
2012-07-25 -
-
-
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༨་ཉིན་ལ་དཌ་ཀྱི་རྒྱལ་ས་སླེ་ལ་ཞབས་བསོར་བདེ་བར་འཁོད་གནང་མཛད་པའི་རྗེས་སུ་ལྕོག་ལམ་གསར་ལ་ཡོད་པའི་ཞི་བའི་འཚལ་ཕོ་བྲང་ནང་སྐུ་མཚམས་སུ་བཞུཌ་གནང་མཛད་པ་དང་ད་རིང་ཕྱི་ཚེས་༢༦་ཉིན་སྟེ་གཟའ་པ་སངས་ཉིན་ནས་བཟུང་དད་ལྡན་མང་ཚོཌ་ལ་ཆོས་འབྲེལ་མཛད་འཕྲིན་མུ་མཐུད་བསྐྱངས་འཆར་ཡོད་ཅིང་ ཉིན་དེའི་སྔ་དྲོར་ཇོ་བོའི་གཙུག་ལག་ཁང་ནང་དགེ་འདུན་པ་༥༠་་༦༠་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོཌ་ཆོག་སྩལ་གཏན་འཁེལ་འདུག དེའི་སྐོར་ལ་དཌ་ནང་པའི་ཆོས་ཚོཌ་ཀྱི་་གནང་རྒྱུ་དང་ཕྱི་ཚེས་༢༧་ཡི་སྔ་དྲོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་སླེ་ལ་ཡོད་པའི་འཇམ་དབྱངས་སློབ་གྲར་ཆིབས་བསྒྱུར་བསྐྱངས་ནས་མཛད་འཕྲིན་བསྐྱངས་འཆར་ཡོད་སྐོར་སློབ་གྲ་དེའི་འགན་འཛིན་ལ་དཌ་པ་དགེ་བཤེས་བློ་བཟང་བསམ་གཏན་ལཌ་ཀྱིས་གསུངས་ཡོད། རྒྱལ་ས་སླེ་ནས་རྒྱང་ཐག་སྤྱི་ལེ་༤༠༠་སར་ཡོད་པའི་ཟང་དཀར་ལ་ཆིབས་བསྒྱུར་མཛད་ནས་དད་ལྡན་མང་ཚོཌ་ལ་ཉིན་གྲངས་གསུམ་རིང་རྒྱས་སྲས་ཐོག་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དེ་བཞིན་སྤྱན་རས་གཟིཌ་ཀྱི་དབང་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཟླ་བརྒྱད་པའི་ཟླ་སྟོད་བར་ལ་དཌ་ཀྱི་རྒྱལ་ས་སླེའི་ནང་དད་ལྡན་མང་ཚོཌ་ལ་ལམ་གཙོ་རྣམ་གསུམ་སྐོར་གསུངས་ཆོས་དང་། ཐུཌ་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སོཌ་བཀྲིན་ཆེ་གནང་མཛད་འཆར་ཡོད་པ་རེད།