བཙན་རྒོལ་མེ་ལྕེ་དབྱིན་བསྒྱུར་དབུ་འབྱེད་བྱས་འདུག
མདོ་སྨད་རྩོམ་སྒྲིག་ཚོཌ་ཆུང་གི་གོ་སྒྲིག་འོག་བཙན་རྒོལ་མེ་ལྕེ་དཔེ་དེབ་དབྱིན་ཡིག་ཐོག་ཕབ་བསྒྱུར་ལེགས་འགྲུབ་ཟིན་ནས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་འདུག
-
2012-09-12 -
-
-
སྐབས་དེར་མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབས་ལཌ་དང་། མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས། མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན། དེ་བཞིན་སྤྱི་འཐུས་རྒྱུན་ལས་པ་ཁག་གཅིག་ལྷན་བཞུཌ་གནང་འདུག བཀའ་བློན་ཁྲི་པ་མཆོག་གིས་མདོ་སྨད་རྩོམ་སྒྲིག་ཚོཌ་ཆུང་གིས་བོད་ནང་རང་ལུས་མེར་སྲེག་བྱས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་འཁོད་པའི་དཔེ་དེབ་བསྐྲུན་པར་བསྡཌ་བརྗོད་གནང་བ་དང་། ལྷག་པར་དཔེ་དེབ་དེ་ནི་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པ་དང་། བོད་མི་ཚོས་བོད་དོན་འཐབ་རྩོད་ཆེད་བློས་གཏོང་ཆེན་པོ་གནང་བ་ཁག་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་མཁྱེན་རྟོག་ཡོང་ཐབས་སུ་བཙན་བྱོལ་བོད་མི་ཚོས་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་ཡིན་ལུཌ་གསུངས་འདུག དཔེ་དེབ་དེའི་རང་བོད་མི་ཚོའི་རང་བསྲེགས་ལས་འགུལ་དང་འབྲེལ་བའི་གནས་ཚུལ་འདྲ་པར་ཞིབ་ཕྲ་ཡོད་པ་རེད།