སྤྱི་དམངས་ཐོབ་ཐང་ལས་འགུལ་བ་ཁྲིམས་ཞིབ་དང་བཀག་ཉར།

རྒྱ་ནག་གིས་ཡུལ་དེའི་སྥྱི་དམངས་ཐོབ་ཐང་ལས་འགུལ་བ་མི་སྣ་བཞིར་པེ་ཅིང་དུ་ཁྲིམས་ཞིབ་དང་ཧུའུ་ཅ་འཇུ་བཟུང་བྱས་འདུག

ཧུའུ་ཅ་འཇུ་བཟུང་ པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་ནག་གིས་ཡུལ་དེའི་སྥྱི་དམངས་ཐོབ་ཐང་ལས་འགུལ་བ་མི་སྣ་བཞིར་པེ་ཅིང་དུ་ཁྲིམས་ཞིབ་དང་གཞན་བཀག་ཉར་བྱས་འདུག
རྒྱལ་སྤྱིའི་གསར་ལམ་ཁག་དུ་གནས་ཚུལ་སྤེལ་དོན། རྒྱ་ནག་གི་དཔོན་རིགས་ཚོར་རྒྱུ་ནོར་ཇི་ཡོད་ཡོངས་གྲགས་བྱེད་དགོས་པའི་ལས་འགུལ་དང་ཐེ་གཏོགས་ཡོད་པའི། རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་Dingjia Xiདང་། Li Wei, Yuan Dong, Zhang Baochengབཅས་མི་སྣ་བཞིར་པེ་ཅིང་དུ་ཁྲིམས་ཞིབ་བྱས་ཡོད་པ་དང་། ཁོང་ཚོར་རྒྱ་ནག་གཞུང་གིས་མི་མང་དཔུང་བསྒྲིགས་ནས་མང་ཚོགས་འདུ་འཛོམས་སར་ཟིང་ཆ་བསླངས་པའི་ཉེས་འཛུགས་བྱས་ནས་པེ་ཅིང་གྲོང་ཁྱེར་Haidian ཁྲིམས་ཁང་དུ་ཁྲིམས་ཞིབ་བྱེད་བཞིན་ཡོད་པ་རེད།
གཞན་ཚེས་༢༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥དང་ཕྱེད་ཀ་ཙམ་ལ་པེ་ཅིང་དུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཧུའུ་ཅ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཟིང་ཆ་སློང་མཁན་ཟེར་བར་ཁ་གཡར་ནས་པེ་ཅིང་དུ་ཡོད་པའི་ཁོང་གི་ཁྱིམ་ནས་ཁྲིད་ཡོད་པ་རེད། ཧུའུ་ཅ་ཁོང་གི་གྲོགས་པོས་ཁ་སང་དགོང་མོར་ཁོང་ལ་ཁ་པར་བཏང་ནས་འཚོལ་ཞིབ་བྱས་ཡོད་ཀྱང་ཁོང་ལ་ཁ་པར་ཐོག་འབྲེལ་བ་ཞུ་ཐུབ་མི་འདུག  ཉིན་ཁ་ཤས་གོང་ལ་ཧུའུ་ཅ་ཡིས་གསར་འགོད་པར་བརྗོད་དོན། དབང་འཛིན་པས་ང་སྒེར་ལ་ལྟ་སྐུལ་བྱེད་པ་ཚང་མ་ལྷོད་དུ་བཏང་བྱུང་། ཡིན་ན་ཡང་ད་ལྟ་གློ་བུར་ཚབས་ཆེ་རུ་གཏོང་གི་འདུག་ཅེས་བཤད་འདུག ཧུའུ་ཅ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་གནས་མཁན་གྱི་གྲས་ཤིག་ཡང་ཡིན་པ་རེད།    
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org