བོད་དང་རྒྱ་ནག་རང་དབང་གི་དངུལ་ལོར་དོགས་ཟོན།

རྡ་རམ་ས་ལའི་ཁུལ་དུ་ཐོན་པའི་བོད་རང་དབང་དང་། རྒྱ་ནག་རང་དབང་ཅེས་བྲིས་པའི་དངུལ་ལོར་མི་དམངས་ཚང་མས་ཚོར་དོགས་ཟོན་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་འདུག

དེ་ཡང་ཚེས་༡ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ཏེ། དེང་སྐབས་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གིས་སྣེ་ཁྲིད་བྱས་ནས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མི་གྲངས་སྟོང་ཕྲག་མང་པོ་འཛོམས་ནས་སྤེལ་བཞིན་པའི་སྐབས། ། རྡ་རམ་ས་ལའི་ཁུལ་དུ་བོད་རང་དབང་དང་། རྒྱ་ནག་རང་དབང་ཅེས་བྲིས་པའི་རྒྱ་གར་གྱི་ཤོག་དངུལ་སྒོར་མོ་༥༠༠ཅན་ཐོན་པ་དེ་ནི་སྟབས་མི་ལེགས་པའི་གནས་ཚུལ་དང་། ཆེད་དུ་སྤྱི་ཚོགས་ནང་རྙོག་ཟིང་བཟོ་རྒྱུར་དམིགས་ཡོད་པ་མི་དམངས་ཚོས་དོགས་གཟོན་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་རེད།

རྒྱ་གར་གྱི་གསར་ཤོག་The Times of India ཞེས་པའི་ཐོག་ལ། དངུལ་ལོ་དེ་ནི་རྡ་རམ་ས་ལའི་Mcleadganj ཁྲོམ་རའི་ནང་ནས་རྙེད་སོན་བྱུང་བ་དང་། ད་ཆ་རྡ་རམ་ས་ལ་གནས་ཡུལ་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་གནས་ཚུལ་དེའི་ཐད་རྩད་གཅོད་བྱེད་བཞིན་ཡོད་པ་མ་ཟད། དངུལ་ལོ་དེ་བེད་སྤྱོད་ལོག་པར་གཏོང་མི་ཆོག་པའི་ཉེན་བརྡའི་གསལ་བསྒྲགས་ཀྱང་སྤེལ་ཡོད་པ་རེད། ད་ཆ་རྡ་རམ་ས་ལའི་ཁྲོམ་རའི་ནང་དངུལ་ལོ་དེ་རིགས་མུ་མཐུད་ཐོན་བཞིན་ཡོད་མེད་རྟོགས་ཞིབ་བྱེད་ཀྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org