རྒྱལ་སྲས་རྒྱ་ནག་ལ་ཕེབས་རྒྱུའི་ཐུགས་བསམ་བཞེས་བ།
ཨིན་ཇིའི་རྒྱལ་སྲས་མཆོག་གིས་ལོ་རྗེས་མར་རྒྱ་ནག་ནང་ལོ་རྒྱུས་ཀྱི་རང་བཞིན་པའི་འཚམས་འདྲི་གཟིཌ་སྐོར་བྱེད་རྒྱུའི་ཐུཌ་བསམ་བཞེས་བཞིན་པའི་གནས་ཚུལ་ཐོན་འདུག
-
2012-09-10 -
-
-
དབྱིན་ཇིའི་ཉིན་རེའི་གསར་ཤོག་The Telegraph ཞེས་པས་གནས་ཚུལ་སྤེལ་དོན། གཟའ་འཁོར་རྗེས་མ་ནས་འགོ་བཙུཌ་ཀྱིས་ཟླ་བ་བཞིའི་རིང་ཨིན་ཇིའི་རྒྱས་སྲས་Harry མཆོག་ཨཕ་གྷ་ནིས་ཐན་ནངApacheཞེས་པའི་མཁའ་དམག་གི་ཐད་འཕུར་གནམ་གྲུའི་ཟུང་འབྲེལ་ཁ་ལོ་པ་གནང་ཕྱིར་འགྲེམས་འཇོག་བྱས་པའི་རྗེས་སུ། རྒྱ་ནག་དང་། དབྱིན་ཡུལ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སུ་རྒྱལ་སྲས་མཆོག་རྒྱ་ནག་ནང་འཚམས་འདྲི་གཟིཌ་སྐོར་དུ་ཕེབས་གནང་ཡོང་བའི་ཐད་དབྱིན་ཇིའི་ཕྱི་སྲིད་ལས་ཁང་གིས་འབོད་སྐུལ་ཞུས་ཡོད་འདུག