ཚོགས་ཆེན་དང་འགྲན་བསྡུར་འགྲེམས་སྟོན་དུས་འགྱངས།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱང་རྒྱུག་འགྲན་བསྡུར་དང་། འཕྲུལ་ཆས་འགྲེམས་སྟོན་གཉིས་གློ་བུར་དུས་འགྱངས་བྱས་བས་མ་འོངས་རྒྱ་ནག་གི་འགོ་ཁྲིད་གསར་པ་བསྐོ་བཞག་བྱ་རྒྱུའི་ཚོགས་ཆེན་དང་འབྲེལ་བ་ཡོད་འདུག།

དེ་ཡང་རྒྱ་ནག་གིས་ད་ལྟའི་ཆར་དམར་ཤོག་ཚོགས་ཆེན་གྱི་དུས་ཚོད་གསལ་བསྒྲགས་བྱས་མེད་། འོན་ཀྱང་ད་ཐེངས་གློ་བུར་མི་རིང་བར་ཚོགས་རྒྱུའི་པེ་ཅིན་རྒྱང་རྒྱུག་འགྲན་བསྡུར་དང་། བདེ་འཇགས་འཕྲུལ་ལས་འགྲེམས་སྟོན་གཉིས་ཀྱི་དུས་འགྱངས་བྱས་བས། རྒྱལ་ཁབ་ཀྱི་འགོ་ཁྲིད་འཕོ་འགྱུར་འགྲོ་རྒྱུའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨པ་མི་རིང་བར་ཚོགས་རྒྱུ་ཡིན་པ་གསལ་བོ་ཡིན་པ་གནད་དོན་དབྱེ་ཞིབ་པས་བཤད་བཞིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org