ཧོའུ་དང་ཝུན་གཉིས་ནས་དཀའ་རྙོག་མང་བ་བཟོས་ཡོད།

རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་ཕྲན་བུ་ལས་ཕྱིན་མེད་པ་དང་། འགོ་ཁྲིད་ཧོའུ་དང་ཝུན་གཉིས་ནས་འདས་པའི་ནང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་བཏང་བ་ལས་དཀའ་རྙོག་མང་བ་བཟོས་ཡོད་པ་བཤད་འདུག

རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་Study Times ཞེས་པའི་རྩོམ་སྒྲིག་རྒན་གྲས་Deng Yuwen གིས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་ཕྲན་བུ་ལས་ཕྱིན་མེད་པ་དང་། འགོ་ཁྲིད་ཧོའུ་དང་ཝུན་གཉིས་ནས་འདས་པའི་དུས་ཡུན་རིང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་བཏང་བ་ལས་དཀའ་རྙོག་མང་བ་བཟོས་ཡོད་པ་བཤད་འདུག

དེ་བཞིན་འགོ་ཁྲིད་ཧོའུ་དང་ཝུན་གཉིས་ཀྱིས་མི་མང་གི་རང་དབང་དམངས་གཙོ་དང་། ཁྲིམས་ལུགས་ཐོབ་ཐང་སོགས་ཡར་རྒྱས་གཏོང་དགོས་པའི་སྐོར་གསུང་པ་གང་ཞིག་ལ་དོན་དངོས་ཐོག་དམངས་གཙོའི་ལས་དོན་ཐད་ཡར་རྒྱས་གང་ཡང་བྱུང་མེད་ཅེས་དང་། དོན་དངོས་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་ཞིབ་གཤེར་མེད་པར་མི་མང་གི་ཐོག་དབང་ཆ་བཀོལ་སྤྱོད་ལོག་པར་བཏང་བའི་ནོར་འཁྲུལ་གྱི་བྱེད་སྟངས་སྤེལ་གྱིན་པ་དེས་དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་ནང་དཀའ་ངལ་མང་དག་ཅིག་དང་། བདེ་འཇགས་མེད་པའི་རྙོག་ཟིང་ཡོང་བཞིན་པ་སོགས་བཤད་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org