དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་ཚོགས་ཆེན།
རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མིའི་སྐུ་ཚབ་རྣམས་རྡ་རམ་ས་ལར་འཛོམས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་ཚོགས་ཆེན་ཚོགས་རྒྱུར་གྲ་སྒྲིག་གཟབ་རྒྱས་བྱུང་ཡོད་འདུག
-
2012-09-24 -
-
-
དེ་ཡང་ཚེས་༢༥ནས་ཚོགས་རྒྱུའི་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་བོད་མི་བཞི་བརྒྱ་ཙམ་ནས་མཉམ་ཞུགས་གནང་གི་ཡོད་འདུག་ལ་ཚོགས་འདུའི་ཐོག་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་མི་བཟོད་པར་། ཛ་དྲག་གི་གནས་སྟངས་གོམས་པ་སྤོས་དགོས་ཆགས་པ་དེར་ང་ཚོའི་ངོས་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་གནང་འཆར་ཡོད་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གི་བཀའ་འདྲི་ཞུས་པའི་སྐབས་འགྲེལ་བརྗོད་གནང་ཡོད་འདུག ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས། བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ནས་ཡ་ལན་ཡག་པོ་ཞིག་སྤྲད་ཀྱི་མེད་པ་དེར་བློ་ཕམ་དང་བཅས་གསུངས་དོན། ད་རེས་ཚོགས་ཆེན་འདི་ཐོག་ནས་ང་ཚོས་འཛམ་གླིང་གི་དབུ་འཁྲིད་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གཏམ་བཤད་སྤེལ་བ་ཙམ་མ་ཡིན་པར་དོན་དངོས་ཐོག་བོད་ནང་དེ་དག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་ཐོག་ཁ་ཡོད་ལག་ཡོད་ཀྱི་གདོང་ལེན་གནང་རོགས་ཞེས་འབོད་སྐུལ་ཞུ་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག
ཡང་བོད་གནས་མཁས་དབང་ཨ་རི་བ་སྐུ་ཞབས་རོ་བྷི་ བྷར་ནདྲ་ཞུ་བས། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་ངོས་ནས་གྲོས་མོལ་བསྐྱར་གསོ་བྱེད་རྒྱུའི་སྐོར་ཉེ་ཆར་པེ་ཅིང་གྱི་ངོས་ནས་རྣམ་འགྱུར་བསྟེན་ཡོད་རེད། འོན་ཀྱང་བོད་པའི་དཔོན་རིགས་ཚོས་དོན་འབྲས་སོན་པའི་གྲོས་མོལ་ཞིག་ཡོང་གི་མེད་དུས་མང་ཚོགས་ཀྱི་སླར་གསོ་བྱེད་ནའང་ཕན་ཐོག་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟེན་གྱི་ཡོད་པ་སོགས་དང་། ལྷག་པར་དུ་བོད་ནང་རང་ལུས་མེར་སྲེགས་བཏང་བ་སོགས་ཀྱི་གནས་སྟངས་འོག་ནས་སྤྱི་ཚོགས་ཁྲོད་ནས་བོད་མིའི་འགོ་འཁྲིད་ཚོའི་ངོས་ནས་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་འདོད་པ་ཡོད་རེད་ཅེས་དཔྱད་ཞིབ་གནང་འདུག དམིགས་བསལ་ཚོགས་ཆེན་གྱི་ཉིན་མཐའ་མར་ཚོགས་བཅར་བ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ལྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་པ་རེད།