ལྷན་ཚོགས་ཞོར་བོད་དོན་གླེང་དགོས་བའི་ཞུ་སྐུལ།

ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་གསར་བར་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་བར་གྱི་ཆེས་མཐོའི་ལྷན་ཚོགས་ཞོར་བོད་དོན་སྐོར་གླེང་དགོས་བའི་ཞུ་སྐུལ་གནང་འདུག

International Tibet Support Network ཞེས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་གསར་བར་འཚམས་འདྲི་དང་མཉམ། བོད་དོན་ཐོག་དམིགས་བསལ་དོ་ཁུར་བཞེས་ཏེ། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་གྱི་སྐབས། མི་རིང་བའི་ཚེས་༢༠ཉིན་གྲོང་ཁྱེར་Brussels དུ་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་། རྒྱ་ནག་བར་ཆེས་མཐོའི་ལྷན་ཚོགས་གནང་སར་རྒྱ་ནག་གི་སྲིད་བློན་Wen Jiabao གཙོས་རྒྱ་ནག་གི་དཔོན་རིགས་མཉམ་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེག་བཏང་གི་ཡོད་པའི་གནད་དོན་དང༌། སྤྱི་ཡོངས་ཀྱི་ཆ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇི་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་གནས་སྟངས་ཐད་གླེང་དགོས་རྒྱུའི་འབོད་སྐུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org